Posts

“འཛམ་་གླིང་ཡང་རྩེའི་འགྲེམས་སྟོན་ཁང་”གི་རྩོམ་པ་པོ་དང་མཉམ་དུ་ཁ་བརྡ་བྱས་པ།

“ འཛམ་་གླིང་ཡང་རྩེའི་འགྲེམས་སྟོན་ཁང་ ” གི་རྩོམ་པ་པོ་དང་མཉམ་དུ་ཁ་བརྡ་བྱས་པ། བཅར་འདྲི་ཞུ་ཡུལ། ཁི་ལེར་ཧེ་རས། བཅར་འདྲི་ཞུ་མཁན། རི་མཐོ་ས་གཙང་དྲ་བའི་རྩོམ་སྒྲིག་པ་བདེ་ཆེན་སྤེན་པ། དྲི་བ། ཁྱེད་ཀྱི་བརྩམས་ཆོས་གསར་ཤོས་ “ འཛམ་གླིང་ཡང་རྩེའི་འགྲེམས་སྟོན་ཁང་ ” ཞེས་པ་དེ་འདྲ་ཞིག་རྩོམ་པའི་བསམ་བློ་དེ་གང་ནས་སླེབས་བྱུང་། ལན། ༡༩༨༨་ལོར་ངས་ཨོག་སི་ཧྥོར་ཌི་ (Oxford) གཙུག་ལག་སློབ་གྲྭར་མི་རྒྱུད་རིག་པའི་ཞིབ་འཇུག་སྡེ་ཁག་ཏུ་ འཆད་ཁྲིད་ཀྱི་ལས་ཀ་མགོ་བཙུགས་པ་དང་། ཐོག་དང་པོར་ (PittRivers) པས་ཌི་གཙང་པོའི་འགྲེམས་སྟོན་ ཁང་གི་དོ་དམ་པའི་ལས་ཀ་གཉེར་སྐབས་ནས་བརྩམས་ཆོས་འདི་འདྲ་ཞིག་རྩོམ་པའི་བསམ་བློ་འཁོར་བྱུང་།  སྐབས་དེར། འགྲེམས་སྟོན་ཁང་དག་གིས་ཡོལ་བའི་རྒྱབ་ནས་ལས་ཀ་བྱེད་ཀྱི་ཡོད་པ་ལྟར། ང་ལ་གཡོ་བ་མེད་པའི་ དགའ་མོས་ཡོད་པའི་འཛམ་གླིང་གི་ཆེས་གལ་ཆེ་བའི་མི་རྒྱུག་དཔྱད་རིག་དང་གནའ་ཤུལ་དངོས་རྫས་ཀྱི་འབྱུང་ཁུངས་བོད་དང་ཧི་མ་ལ་ཡའི་ཕྱོགས་ཀྱི་རིག་དངོས་གང་མང་ཞིག་མིག་གིས་ལོངས་སུ་སྤྱོད་པའི་གོ་སྐབས་ ཁྱད་དུ་འཕགས་པ་ཞིག་རག་བྱུང་། ༡༩༩༨་བར་དུ། ངས་གཙོ་བོ་རྒྱ་གར་དང་ཧི་མ་ལ་ཡའི་རི་རྒྱུད་དུ་ཁྱབ་པའི་བོད་དང་བོད་བརྒྱུད་ནང་བསྟན། བོད་ ཀྱི་རིག་